ཉི་ཧོང་གིས་རྒྱལ་ཁབ་བཞིར་དམག་དོན་རོགས་སྐྱོར་བྱ་རྒྱུའི་གསལ་བསྒྲགས།
ཕྱི་ཟླ་ ༡༢ ཚེས་ ༡ ཉིན་ཉི་ཧོང་གཞུང་གིས་ཧྥི་ལི་ཕིན་དང་། སོག་པོ། ཇི་བྷོ་ཊི། ཨིན་ཌོ་ནེ་ཤི་ཡ་བཅས་ལ་རྩིས་ལོ་ ༢༠༢༤ ལོའི་དམིགས་འབེན་རྒྱལ་ཁབ་ཀྱི་ཐོ་འགོད་བྱེད་རྒྱུའི་ཐག་གཅོད་བྱས་ཡོད། ཉི་ཧོང་གིས་ཧྥི་ལི་ཕིན་ལ་གྲུ་གཟིངས་འགུལ་སྐྱོད་ལ་ལྟ་ཞིབ་བྱེད་ཆེད་མཚོ་འགྲམ་གྱི་རྟོག་ཞིབ་རེ་ཌར་མཁོ་སྤྲོད་བྱེད་རྒྱུ་ཡིན་པ་རེད།
གནས་ཚུལ་སྤེལ་བར་གཞིགས་ན། OSAནི་ཉི་ཧོང་གིས་”བསམ་བློ་གཅིག་པའི་རྒྱལ་ཁབ་”ཞེས་འབོད་པའི་དམག་དོན་སྒྲིག་ཆས་རིན་མེད་དུ་མཁོ་སྤྲོད་བྱེད་པའི་སྒྲོམ་གཞི་ཞིག་ཡིན། ཉི་ཧོང་གིས་ཧྥི་ལི་ཕིན་ལ་རྩིས་ལོ་༢༠༢༤ རྗེས་སུ་རོགས་རམ་འདི་མུ་མཐུད་སྤྲོད་རྒྱུ་ཡིན་པའི་ཚོད་དཔག་བྱེད་ཀྱི་ཡོད།
ཉི་ཧོང་གི་བྱ་སྤྱོད་དེས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་རྒྱལ་ཁབ་ཁག་དང་བདེ་འཇགས་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་པ་མ་ཟད། ཨོ་ཨེས་ཨེ་ཡིས་དམག་དོན་བཟོ་ལས་ཁང་ནང་ལག་རྩལ་གསར་གཏོད་ལ་སྐུལ་འདེད་གཏོང་སྲིད་པ་རེད།
ཉི་ཧོང་གི་རྒྱལ་སྲུང་བཟོ་ལས་དེ་མར་ཆག་པའི་གནས་སྟངས་ལས་ཐོན་བཞིན་ཡོད། མི་སུ་བྷི་ཤི་ལྗིད་པོ་བཟོ་ལས་ཁང་དང་། ཀ་ཝ་ས་ཀི་ལྗིད་པོ་བཟོ་ལས་ཁང་། འཇར་པན་སྲིད་གཞུང་གིས་རྒྱལ་སྲུང་འགྲོ་གྲོན་ཇེ་མང་དུ་གཏོང་རྒྱུའི་ཐག་གཅོད་བྱས་པ་དང་རྒྱལ་ནང་དང་རྒྱལ་སྤྱིའི་རེ་བ་ལྟར་ན་འཇར་པན་གྱིས་རྒྱལ་སྲུང་སྒྲིག་ཆས་ཕྱིར་གཏོང་བྱེད་ཚད་ཇེ་མང་དུ་གཏོང་རྒྱུ་ཡིན་ཟེར།