ཧིན་རྡུ་ཉི་ཞི་ཡས2025ལོར་VAT12%བར་མཐོ་རུ་གཏོང་རྒྱུ་རེད།

ཨིན་ཌོ་ནེ་ཤི་ཡའི་ནོར་སྲིད་བློན་ཆེན་Sri Mulyani Indrawati མཆོག་གིས་ཕྱི་ཟླ་ ༡༡ ཚེས་ ༡༤ ཉིན་སྲིད་གཞུང་གིས་སང་ལོའི་ཟླ་དང་པོའི་ནང་རིན་ཐང་འཕར་མའི་དཔྱ་ཁྲལ་ (VAT) མཐོ་རུ་བཏང་ནས་རྒྱལ་ཁབ་ཀྱི་སྔོན་རྩིས་ཡོང་འབབ་འགན་ལེན་བྱེད་རྒྱུ་ཡིན་ཞེས་བརྗོད་ཡོད།

མོས་གསལ་བསྒྲགས་དེ་ཐག་གཅོད་དེས་ཉོ་མཁན་ལ་གནོད་སྐྱོན་གཏོང་རྒྱུ་དང་གཞུང་གིས་འགྲེལ་བཤད་གསལ་པོ་སྤྲོད་དགོས་པའི་སྐྱོན་བརྗོད་བྱེད་བཞིན་པའི་སྐབས་ལ་བྱུང་བ་རེད།

2021ལོར་གཏན་འབེབས་བྱས་པའི་ཁྲིམས་གཞི་ཞིག་གི་འོག ཁྲལ་འབབ་དེ་12%བར་འཕར་རྒྱུ་ཡིན་པའི་ཚོད་དཔག་བྱེད་ཀྱི་ཡོད། གྲོས་ཚོགས་འཐུས་མི་ཁག་ཅིག་དང་ཚོང་ལས་ཚོགས་པ་དང་དཔལ་འབྱོར་རིག་པ་བ་ཁ་ཤས་ཀྱིས་དཔྱ་ཁྲལ་འཕར་མ་དེ་ཕྱིར་འགྱངས་བྱེད་དགོས་དོན་ནི་དེས་མི་མང་གི་ཉོ་སྒྲུབ་ནུས་པ་ཉུང་དུ་གཏོང་སྲིད་པ་རེད།

ཤྲི་མུ་ལི་ཡ་ནི་ཡིས་བརྗོད་དོན་ལྟར་ན། ཧིན་རྡུ་ཉི་ཞི་ཡས་༢༠༢༥ལོའི་རྩིས་ལོ་རུ་པི་ཡ་ཐེར་འབུམ་༢.༤༩ལྷག་ཙམ་བསྡུ་རུབ་བྱེད་རྒྱུའི་དམིགས་ཡུལ་འཛིན་གྱི་ཡོད་པ་དང་།

དེ་དང་ཆབས་ཅིག་གྲོས་ཚོགས་འཐུས་མི་མུ་ཧ་མཱ་ཌི་ཁོ་ལིད་(Muhammad Kholid) མཆོག་གིས་སྲིད་གཞུང་གིས་VAT བསྡུ་རུབ་ཀྱི་སྲིད་བྱུས་དེས་དཔལ་འབྱོར་ལ་གནོད་སྐྱོན་གཏོང་སྲིད་པས་བསྐྱར་ཞིབ་བྱེད་དགོས་པའི་འབོད་སྐུལ་གནང་ཡོད།

ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་རིམས་ནད་ཁྱབ་གདལ་བྱུང་བ་ནས་བཟུང་ཧིན་རྡུ་ཉི་ཞི་ཡའི་དཔལ་འབྱོར་འཕར་ཚད5%ཡས་མས་སུ་བརྟན་པོ་བྱུང་ཡོད། 2024ལོའི་དུས་ཚིགས་གསུམ་པར་དེའི་GDPདུས་མཚུངས་ལས་4.95%འཕར་ཡོད།